Jump to content

ལེ་སོ་ཐོ། Lesotho

Wikipedia ལས།
Image
ལེ་སོ་ཐོ་གི་རྒྱལ་དར།

༉ ལེ་སོ་ཐོ་གི་རྒྱལ་ཁབ་འདི་ གཞུང་འབྲེལ་དུ་ ལྷོ་ཨ་ཕི་རི་ཀ་གིས་ མཐའ་སྐོར་ཏེ་ཡོད་མི་ ས་མཚམས་མེད་པའི་རྒྱལ་ཁབ་ཅིག་ཨིན། ལེ་སོ་ཐོ་འདི་ “གནམ་མཁའི་རྒྱལ་ཁབ་” ཟེར་སླབ་སྲོལ་ཡོད་མི་འདི་ འཛམ་གླིང་ནང་ལུ་ མཐོ་ཚད་མི་ཊར་ ༡༠༠༠ (ཕིཊ་ ༣༢༨༠) ལས་ལྷག་སྟེ་ཡོད་མི་ རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཨིན།

རྒྱལ་ཁབ་ཀྱི་རྒྱལ་རབས་འདི་ དུས་རབས་ ༡༩ པའི་ནང་ རྒྱལ་པོ་མོ་ཤོ་ཤོ་དང་པ་གིས་ བཱ་སོ་ཐོ་གི་མི་རིགས་མ་འདྲཝ་ཚུ་གཅིག་ཁར་བསྡོམས་ཏེ་ རྒྱལ་ཁབ་གཅིག་སྦེ་བཟོ་བའི་སྐབས་ལུ་འགོ་བཙུགས་ནུག། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་ནུག། དེ་ལས་ དུས་རབས་ ༡༩ པའི་བར་ཁམས་ཅིག་ཁར་ ལེ་སོ་ཐོ་གིས་ བོར་གཞི་ཆགས་མི་ཚུ་དང་གཅིག་ཁར་ འཁྲུག་རྩོད་བྱུང་ཡོདཔ་ལས་ ཤུལ་ལས་ སྤྱི་ལོ་ ༡༨༦༨ ལུ་ བིརི་ཊིཤ་གི་སྲུང་སྐྱོབ་རྒྱལ་ཁབ་ཅིག་ལུ་འགྱུར་ནུག། སྤྱི་ལོ་ ༡༩༦༦ སྤྱི་ཟླ་ ༡༠ པའི་ཚེས་ ༤ ལུ་ རང་དབང་མ་ཐོབ་ཚུན་ཚོད་ བིརི་ཊིཤ་གི་དབང་ཚད་འོག་ལུ་སྡོད་ནུག། རང་དབང་ཐོབ་པའི་ཤུལ་ལས་ ལེ་སོ་ཐོ་ལུ་ སྲིད་དོན་གྱི་ བརྟན་ཏོག་ཏོ་མེད་མི་དང་ དམག་མིའི་དབང་བསྒྱུར་ དེ་ལས་ དཔལ་འབྱོར་གྱི་གདོང་ལེན་བྱུང་ཡོད་རུང་ རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་ཀྱི་ལམ་སྲོལ་གྱི་ངོ་རྟགས་ གཞན་དང་མ་འདྲཝ་སྦེ་ལུས་ཡོདཔ་ཨིན་པས།

Image

ལེ་སོ་ཐོ་གི་ས་ཆ་ཀི་ལོ་མི་ཊར་གྲུ་བཞིམ་ ༣༠,༣༥༥ ཡོད་པའི་དབང་གིས་ ཨ་ཕ་རི་ཀའི་རྒྱལ་ཁབ་ཆུང་ཤོས་ཅིག་ཨིན་པའི་ཁར་ རྒྱལ་ཁབ་འདི་ནང་ མི་འབོར་ཧ་ལམ་ས་ཡ་ ༢.༣ ཡོད། (ཝི་ཀིཔི་ཌི་ཡ། ༢༠༢༥) ཟེར་བཀོད་ཡོད་པའི་ཁར་ མི་འབོར་མང་ཆེ་བ་ བཱ་སོ་ཐོ་གི་ མི་རིགས་ཀྱི་ས་ཁོངས་ལུ་གཏོགས་ཡོད་པའི་ཁར་ རྒྱལ་ཁབ་ནང་ལུ་ ཟུ་ལུས་དང་ ཡུ་རོབ་ཀྱི་མི་སྡེ་ཆུང་ཀུ་ཚུ་ཡང་ སྡོད་དོ་ཡོདཔ་ཨིན། ཡེ་ཤུའི་ཆོས་ལུགས་ (བརྒྱ་ཆ་ ༩༠) འདི་ ཆོས་ལུགས་གཙོ་བོ་ཅིག་ཨིནམ་དང་ སྡེ་ཚན་སྦོམ་ཤོས་འདི་ རོ་མཱན་ཀེ་ཐོ་ལིག་དང་ པོརོཊེསི་ཊེནཊ་ཚུ་ཨིན་མས། མི་རློབས་བརྒྱ་ཆ་ཉུང་སུ་ཅིག་གིས་ ཨ་ཕ་རི་ཀའི་སྔར་སྲོལ་གྱི་ཡིད་ཆེས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན།

ལེ་སོ་ཐོ་འདི་ བདག་སྐྱོང་རྫོང་ཁག་ ༡༠ ལུ་དབྱེ་སྟེ་ རྫོང་ཁག་བདག་སྐྱོང་པ་རེ་གིས་འཛིན་སྐྱོང་འཐབ་ཨིན། དེ་ཡང་ བེ་རི་ཡ་ བུ་ཐ་བུ་ཐེ་ ལེ་རི་བེ་ མ་ཕེ་ཏེང་ མ་ས་རུ་ དཔའ་བོའི་ཧོའེཀ་ ཁྲིམས་ཁང་ནང་ བཙོག་པའི་ནེག་དང་ ཀུ་ཐིང་ དེ་ལས་ གངས་རི་ཟེ་ཀ་ཚུ་ཨིན། ཝི་ཀིཔི་ཌི་ཡ། (༢༠༢༥) གིས་ མ་ས་རུ་འདི་ ལྷོ་ཨ་ཕ་རི་ཀ་གི་ས་མཚམས་ཉེ་འདབས་ལུ་ཡོད་པའི་ ལེ་སོ་ཐོ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན། རྒྱལ་ཁབ་ཀྱི་སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། མ་ས་རུའི་ཁྱད་ཆོས་གཙོ་བོ་ར་ དངུལ་ཁང་དང་ཚོང་འབྲེལ་ དེ་ལས་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་ལྟེ་བ་ཅིག་ཨིན་པའི་ཁར་ ས་རྟགས་ཚུ་ཡང་ རྒྱལ་པོའི་ཕོ་བྲང་དང་ བཱ་སོ་ཐོ་ཞྭམོ་གི་ལག་བཟོའི་ཁྲོམ་ར་ དེ་ལས་ རྒྱལ་པོ་ མོ་ཤོ་ཤོ་དང་པ་གིས་ བཱ་སོ་ཐོ་རྒྱལ་ཁབ་གཞི་བཙུགས་འབད་སའི་ རྒྱལ་རབ་ཅན་གྱི་ས་ཁོངས་ ཐ་བྷ་བོ་སིའུ་ཚུ་ཨིན་ཟེར་བཀོད་དེ་འདུག། ཁྲོམ་སྡེ་ནང་ འཕྲལ་ཁམས་ཅིག་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་ གོང་འཕེལ་འགྱོ་སྟེ་ཡོད་རུང་ ད་ལྟོ་ཡང་ དབུལ་ཕོངས་དང་ ཞབས་ཏོག་སྤྲོད་ནི་གི་ དཀའ་ངལ་ཚུ་ཐོན་དོ་ཡོདཔ་ཨིན་པས།

ལེ་སོ་ཐོ་འདི་ རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་པོ་དང་བཙག་འཐུ་གྲུབ་པའི་གཞུང་གཉིས་ཆ་ར་ཡོདཔ་ཨིན། རྒྱལ་པོ་ ལེཊ་སི་གསུམ་པ་གིས་ མཛད་སྒོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། བློན་ཆེན་འདི་ སྲིད་བྱུས་བཟོ་ནི་དང་ གཞུང་སྐྱོང་འགན་ཁུར་འབག་མི་ གཞུང་གི་འགོ་ཁྲིདཔ་ཨིན། སྤྱི་ཚོགས་འདི་ ཁྲིམས་ཁང་དང་ རྒྱལ་ཡོངས་ཚོགས་སྡེ་གཉིས་ཡོད་པའི་ ཚོགས་ཁང་གཉིས་ཀྱི་ལམ་ལུགས་ཅིག་ཨིན། དམངས་གཙོའི་རིང་ལུགས་ཅིག་ཨིན་རུང་ ལེ་སོ་ཐོ་ལུ་ སྲིད་དོན་བརྟན་ཏོག་ཏོ་མེད་མི་དང་ མཉམ་འབྲེལ་གཞུང་གི་གདོང་ལེན་ དེ་ལས་ དམག་མི་ཚུ་གིས་ བར་འཛུལ་འབད་མི་ཚུ་མྱོང་ཡོདཔ་ཨིན། (ཝི་ཀིཔི་ཌི་ཡ། (༢༠༢༥) ཟེར་བཀོད་ནུག།

ལེ་སོ་ཐོ་ལུ་ བཱ་སོ་ཐོ་གི་ལམ་སྲོལ་ཕྱུགཔོ་ཡོདཔ་ལས་ མི་སྡེའི་ལམ་སྲོལ་དང་སྙན་ཆ་ དེ་ལས་ ངག་ཐོག་ལས་ སྲུང་དང་གཏམ་རྒྱུད་བཤད་ནི་ཚུ་གཏིང་ཟབ་པ་སྦེ་ གཞི་བཙུགས་འབད་དེ་ཡོདཔ་ཨིན། Colin Legum, James Hamilton Cobbe (2025) གིས་ ལེ་སོ་ཐོ་འདི་ གཞུང་འབྲེལ་དང་རྒྱལ་ཡོངས་སྐད་ཡིག་ཨིན། དེ་ལས་ ཨིང་སྐད་ཡང་ ལྷག་པར་དུ་ གཞུང་དང་ཤེས་རིག་ནང་ དར་ཁྱབ་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་སྲོལ་རྒྱུན་དང་གྱོན་ཆོས་འདི་ བཱ་སོ་ཐོ་གི་གདན་འདི་ཨིནམ་དང་ ཕོ་མོ་གཉིས་ཆ་ར་གིས་ དྲོད་ཏོག་ཏོ་དང་ ལམ་སྲོལ་གྱི་ངོ་རྟགས་ལུ་གྱོནམ་ཨིན་ཟེར་བཀོན་ནུག། ཐམོ་ཀོ་རོཊ་ལོ་འདི་ རྒྱལ་ཁབ་ཀྱི་རྟགས་མཚན་ཅིག་སྦེ་མཐོང་མི་ རང་ལུགས་ཀྱི་ བཱ་སོ་ཐོ་གི་ཞྭམོ་ཅིག་ཨིན། རང་དབང་ཉིནམ་ སྤྱི་ཟླ་ ༡༠ པའི་ཚེས་ ༤ འདི་ ཁྲོམ་སྐོར་དང་ ལམ་སྲོལ་གྱི་འཁྲབ་སྟོན་ཚུ་ འགོ་འདྲེན་འཐབ་སྟེ་ བརྩི་སྲུང་འབདཝ་ཨིན། བཱ་སོ་ཐོ་གི་སྙན་ཆའི་རིགས་གཞན་དང་མ་འདྲཝ་ཅིག་ཨིན་མི་ ཕོ་མོ་སྙན་ཆ་འདི་ རྒྱལ་ཁབ་ནང་འཁོད་ལུ་ ཡོངས་གྲགས་ཡོདཔ་ཨིན། ལེ་སོ་ཐོ་གི་ རང་ལུགས་ཀྱི་ཟ་བཏུང་འདི་ འཇམ་ཏོང་ཏོ་ཨིནམ་ལས་ ས་གནས་ཀྱི་འབྲུ་སྣ་དང་ཚོད་བསྲེ་ དེ་ལས་ ཤ་ཚུ་ལུ་གཞི་བཞག་སྟེ་ཡོདཔ་ཨིན། ཡོངས་གྲགས་ཅན་གྱི་ཟས་རིགས་ཡང་ པ་པ་ཟེར་ གེ་ཟའི་ཆུམ་འདི་ ཚོད་བསྲེ་དང་ ཡང་ན་ ཤ་དང་ཅིག་ཁར་བཞེས་སྒོ་འབདཝ་ཨིན། མོ་རོ་ཧོ་འདི་ རི་དྭགས་སྤང་རྩི་ འཕྲལ་འཕྲལ་སྐབས་ ཚོད་བསྲེ་དང་ཀེ་བ་ཚུ་དང་གཅིག་ཁར་ བཞེས་སྒོ་འབདཝ་ཨིན། ཉ་མ་(ཤ) ཟེར་ གླང་ཤ་དང་ལུག་ཤ་ ཡང་ན་ ར་གི་ཤ་འདི་ མང་ཤོས་ར་བརྡུངས་ཏེ་ ཡང་ན་ བརྟུངས་བཏངམ་ཨིན། མོ་ཏོ་ཧོ་འདི་ དྲོ་པ་ལྟོ་གི་དོན་ལུ་ ཡོངས་དྲགས་ཅན་ཅིག་ཨིན། རྐང་རྩེད་འདི་ རྩེད་རིགས་ཡོངས་གྲགས་ཅན་ཅིག་ཨིནམ་དང་ ས་གནས་ཀྱི་སྡེ་ཚན་ཚུ་གིས་ ལེ་སོ་ཐོ་ པི་རི་མི་ཡར་ལིག་ནང་ དོ་འགྲན་འབདཝ་ཨིན། ལུས་རྩལ་དང་ཐག་རིང་རྒྱུག་འགྲན་ཡང་ ཁྱབ་སྤེལ་འགྱོ་བཞིན་ཡོད་པའི་ཁར་ རྟ་རྒྱུགས་འདི་ དམིགས་བསལ་དུ་ གྲོང་གསེབ་ཚུ་ནང་ལས་ཕར་ ལམ་སྲོལ་ཁག་ཆེ་ཤོས་ཅིག་ཨིན་མས།

ལེ་སོ་ཐོ་གི་དཔལ་འབྱོར་འདི་ ལྷོ་ཨ་ཕ་རི་ཀ་ལུ་ ཤུགས་སྦེ་ར་ བརྟེན་དགོཔ་ཨིནམ་དང་ བཱ་སོ་ཐོ་མང་ཤོས་ཅིག་གིས་ ལྷོ་ཨ་ཕ་རི་ཀ་གི་ ལ་གཏེར་དང་བཟོ་གྲཱ་ཁང་ཚུ་ནང་ ལཱ་འབད་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་གཙོ་བོ་ར་ ཞིང་ལཱ་ ཐགས་འཐག་དང་བཟོ་ལཱ་ ཆུ་དང་ཆུ་གློག་ དེ་ལས་ ལྟ་བཤལ་ཚུ་ཨིན་པས། དེ་ཡང་ འཚོ་བའི་དོན་ལུ་ སོ་ནམ་གྱི་ལཱ་འབད་ནི་འདི་ ཡོངས་གྲགས་ཡོད་རུང་ ཆར་དཀོན་དང་ ས་གཞི་འཕྱག་བདའ་མི་འདི་གིས་ ཐོན་སྐྱེད་མར་ཕབ་འབདཝ་ཨིན། ལེ་སོ་ཐོ་ལུ་ གེ་ཟ་དང་ ཀར་ དེ་ལས་ མར་ཁུ་ཚུ་ཐོན་སྐྱེད་འབདཝ་ཨིན། གྱོན་ཆས་བཟོ་གྲཱ་འདི་ ལེ་སོ་ཐོ་གི་ལཱ་གཡོག་བྱིན་མི་སྦོམ་ཤོས་ཅིག་ཨིནམ་ད་ འདི་གིས་ ཡུ་ཨེས་དང་ཡུ་རོབ་ཀྱི་ཚོང་འབྲེལ་ནང་ལུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན། (Colin Legum, James Hamilton Cobbe (2025) ཟེར་བཀོད་ནུག། ལེ་སོ་ཐོ་འདི་ མཐོ་ཚད་མཐོ་བའི་ཆུའི་ཐོན་ཁུངས་ཡོད་མི་ལུ་བརྟེན་ “ལྷོ་ཨ་ཕ་རི་ཀའི་ཆུའི་ཀ་རིང་” ཟེར་ ཡོངས་གྲགས་ཡོདཔ་ཨིན། ལེ་སོ་ཐོ་མཐོ་སྒང་གི་ཆུ་ལས་འགུལ་གྱིས་ ལྷོ་ཨ་ཕ་རི་ཀ་ལུ་ ཆུ་བཀྲམ་སྤེལ་འབད་དེ་ ཆུར་བརྟེན་གློག་མེ་བཏོན་དོ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་གངས་རིའི་ས་ཆའི་གནས་སྟངས་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ དེ་ལས་ མཐོང་སྣང་ལྟ་བཤལ་གྱི་ (རྐང་འགྲོས་དང་ རྟ་རྒྱུག་དང་ གངས་ཤུད་རྐྱབ་ནི་) ཚུ་གིས་ ལྟ་བཤལ་ཚུ་ལུ་སེམས་ཤུགས་བྱིནམ་ཨིན། ཡོངས་གྲགས་ཅན་གྱི་ས་ཁོངས་ཚུ་ཡང་ མ་ལེ་ཙུ་ཡ་ན་ཆུ་བོ་དང་ ཀ་ཙེ་ཆུ་མཛོད་ དེ་ལས་ སེ་ཧ་ལ་བ་ཐེ་བྷེ་རྒྱལ་ཡོངས་གླིང་ག་ཚུ་ཨིན་པས།

ལེ་སོ་ཐོ་ལུ་ རང་བཞིན་གྱི་མཛེས་སྡུག་དང་ལམ་སྲོལ་གྱི་རྒྱུ་ནོར་ཡོད་རུང་ དེ་དང་འདྲ་བའི་གདོང་ལེན་སྦོམ་ལེ་ཤ་ར་ཡོདཔ་ཨིན། རྒྱལ་ཁབ་ཀྱི་མི་འབོར་བརྒྱ་ཆ་ ༥༠ ལྷག་ཙམ་ དབུལ་ཕོངས་ཚད་གཞི་འོག་ལུ་གནས་ཡོད། ཝི་ཀིཔི་ཌི་ཡ། (༢༠༢༥) དང་འཁྲིལ་བ་ཅིན་ བཱ་སོ་ཐོ་མང་ཤོས་ཅིག་གིས་ཁྱིམ་ནང་ ལཱ་གཡོག་གི་གོ་སྐབས་ ཉུང་སུ་ཅིག་ལས་བརྒལ་མེད་མི་ལུ་བརྟེན་ ལྷོ་ཨ་ཕ་རི་ཀ་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། ལེ་སོ་ཐོ་ལུ་ འཛམ་གླིང་ནང་ ཨེཆ་ཨའི་ཝི་ཨེཌས་གི་ གནས་ཚད་མཐོ་ཤོས་ཅིག་ཨིནམ་དང་ མི་རྒས་ཤོས་བརྒྱ་ཆ་ ༢༣ དེ་ཅིག་ལུ་ ནད་གཞི་ཐོབ་ཡོདཔ་ཨིན་ཟེར་བཀོད་ནུག། གསོ་བའི་ཞབས་ཏོག་དང་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ ཡར་དྲགས་གཏང་ནིའི་དོན་ལུ་ འབད་བརྩོན་བསྐྱེད་དོ་ཡོདཔ་ཨིན། རྒྱལ་ཁབ་ནང་གཞུང་སྒྱུར་བཅོས་དང་ དམག་མི་ཚུ་གིས་བར་འཛུལ་འབད་ནི་ དེ་ལས་ སྲིད་དོན་གྱི་དམར་བསད་ཚུ་ འཕྲལ་འཕྲལ་སྦེ་ར་ བྱུང་ཡོདཔ་ཨིན་པས། མཉམ་འབྲེལ་གཞུང་ཚུ་གིས་ འགོ་ཁྲིད་བརྟན་ཏོག་ཏོ་བཟོ་ནི་ལུ་ དཀའ་ངལ་བྱུང་དེ་ཡོད། རྒྱལ་ཁབ་ནང་ལུ་ ཆར་དཀོན་དང་ ས་གཞི་འཕྱག་བདའ་མི་ དེ་ལས་ ནགས་ཚལ་ཚུ་ མེདཔ་བཏང་མི་ལུ་བརྟེན་ སོ་ནམ་དང་ ཆུའི་ཐོན་ཁུངས་ཚུ་ལུ་ ཉེན་ཁ་བྱུང་དོ་ཡོདཔ་ཨིན་པས། ས་ཁ་མཐོ་སར་ གནས་གཤིས་བསིལ་དྲགས་དང་ ཁཝ་རྐྱབ་ནི་དེ་གིས་ གྲོང་གསེབ་ཀྱི་ འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་དོ་ཡོདཔ་ཨིན་པས། ལེ་སོ་ཐོ་གིས་ ཅ་ཆས་མང་ཤོས་ར་ ལྷོ་ཨ་ཕི་རི་ཀ་ལས་ ནང་འདྲེན་འབདཝ་ལས་ ཕྱིའི་དཔལ་འབྱོར་གྱི་འགྱུར་བ་ལུ་ཉེན་ཁ་ཡོདཔ་ཨིན་པས། བཱ་སོ་ཐོ་མང་ཤོས་ཅིག་གིས་ ཕྱི་རྒྱལ་ལུ་ལཱ་འབད་མི་ བཟའ་ཚང་འཐུས་མི་ཚུ་ལས་ དངུལ་བཏང་མི་ལུ་བརྟེན་སྡོད་དོ་ཡོདཔ་ཨིན་པས།

ལེ་སོ་ཐོ་འདི་ ཨ་ཕ་རི་ཀའི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ གཞན་དང་མ་འདྲ་བའི་ རྒྱལ་ཁབ་ཅིག་ཨིནམ་དང་ རྒྱལ་ཁབ་འདི་ རི་ཁའི་ས་ཆའི་གནས་སྟངས་དང་ བཱ་སོ་ཐོ་གི་ལམ་སྲོལ་ཕྱུགཔོ་ དེ་ལས་ བཟོད་བསྲན་ཅན་གྱི་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། ཤེས་རིག་དང་གསོ་བའི་ཞབས་ཏོག་ དེ་ལས་ ཆུ་འཛིན་སྐྱོང་ལ་སོགས་པའི་ ལཱ་ཚུ་ནང་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ རྒྱལ་ཁབ་ནང་ ད་ལྟོ་ཡང་དབུལ་ཕོངས་དང་ ལཱ་གཡོག་མེད་མི་ དེ་ལས་ སྲིད་དོན་གྱི་བརྟན་ཏོག་ཏོ་མེད་པའི་དཀའ་ངལ་ཚུ་ཐོན་ཏེ་ཡོདཔ་ཨིན་པས། ལྟ་བཤལ་དང་གཞི་རྟེན་མཐུན་རྐྱེན་ དེ་ལས་ ཡུན་བརྟན་སོ་ནམ་ཚུ་ནང་ ཐབས་བྱུས་མ་རྩ་བཙུགས་མི་ལུ་བརྟེན་ ལེ་སོ་ཐོ་ལུ་ དཔལ་འབྱོར་དང་ སྤྱིར་བཏང་གོང་འཕེལ་ཡར་དྲག་གཏང་ནི་གི་ འོས་འབབ་ཡོདཔ་མ་ཚད་ ལམ་སྲོལ་གྱི་སྲོལ་ཁྱུན་དང་ རང་བཞིན་གྱི་མཛེས་སྡུག་ཚུ་ ཉམས་སྲུང་འབད་ཚུགས་པའི་འོས་འབབ་ཡོདཔ་ཨིན་པས།

རྒྱབ་རྟེན་དཔེ་དེབ།

Legum, C. & Cobbe, J.H. (2025). Lesotho. Published by: Britannica. Retrieved from: https://www.britannica.com/place/Lesotho                                                                                                                                                                                                                                                 

DDC Dictionary (Mobile application software).

Eng - Dzo Terminology (Mobile application software).

Wikipedia. (2025). Libya. Published by: Creative Commons. Retrieved from: https://en.wikipedia.org/wiki/Lesotho

"https://dz.wikipedia.org/w/index.php?title=ལེ་སོ་ཐོ།_Lesotho&oldid=39333" ལས་ སླར་འདྲེན་འབད་ཡོདཔ།