ཊརཀ་མེན་ནིས་ཊཱན། Turksmenstan

ངོ་སྤྲོད།
ཊརཀ་མེན་ནིསི་ཊཱན་འདི་ ཨེ་ཤི་ཡ་གི་དབུས་ཕྱོགས་ལུ་ཆགས་ཏེ་ཡོདཔ་དང་ དེ་ཡང་ནུབ་བྱང་ལུ་ཀཱ་ཟཱཀ་ཊཱན། བྱང་ཤར་ལུ་ཨུཛ་བེ་ཀིས་ཊཱན། ཤར་ལྷོ་ལུ་ཨཕ་ག་ནིས་ཊཱན་ ལྷོ་ལུ་ཨི་རཱན། ནུབ་ལུ་ཀེས་པི་ཡཱན་རྒྱ་མཚོ་ཚུ་ ས་མཚམས་སྦེ་ཡོདཔ་ཨིན། འདི་གི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༤༩༡,༢༡༠ དེ་ཅིག་ཁྱབ་སྟེ་ཡོདཔ་ལས་ ཨེ་ཤི་ཡ་ལྟེ་བའི་རྒྱལ་ཁབ་ལས་ སྦོམ་ཤོས་བཞི་པ་ཨིན་མས།
རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།
རྒྱལ་ས་ལྟེ་བ་འདི་ རྡོ་ཀ་མ་རུ་པ་དཀརཔོ་གི་སྒྲིང་ཁྱིམ་དང་ བཟོ་བཀོད་རིག་པ་སྦོམ་གྱི་དོན་ལུ་ ཡོངས་གྲགས་ཡོད་པའི་ ཨཤ་གཱ་བཊ་ཁྲོམ་ཚོགས་འདི་ཨིན། ཁྲོམ་སྡེ་སྦོམ་ཤོས་གཞན་མི་ཚུ་ཡང་ ཊརཀ་མེ་ན་བཱཊ་ཟེར་ ཨུཛ་བེཀ་གི་ས་མཚམས་ཀྱི་སྦོ་ལོགས་ཁར་ཡོད་པའི་ ཚོང་འབྲེལ་གྱི་ལྟེ་བ་དང་ བྱང་ཁ་ཐུག་ལུ་ དཱཤ་ཨོ་གུཛ་ཁྲོམ་ཚོགས་ དེ་ལས་ མེ་རི་ཁྲོམ་ཚོགས་འདི་ རྒྱལ་རབས་དང་ནུས་ཤུགས་ཀྱི་ས་ཁོངས་ཀྱི་ སྦོ་ལོགས་ཁར་ ཡོདཔ་ཨིན་པས།

མི་རློབས།
སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཊརཀ་མེན་སི་ཏན་གྱི་མི་རློབས་འདི་ ས་ཡ་ ༦.༥ དེ་ཅིག་ཡོདཔ་ཨིན་པས། མི་རློབས་འདི་ ཧ་ཅང་གིས་གཞོནམ་ཨིན་རུང་ སྐྱེས་ཚད་དང་ ཕྱིར་སྐྱོད་མར་ཕབ་ལས་བརྟེན་ ཡར་འཕར་འདི་ འགྲོས་ཀྱིས་སྦེ་འགྱོ་དོ་ཡོདཔ་ཨིན་མས། མི་མང་ཤོས་ར་ ཁྲོམ་སྡེ་ཚུ་ནང་ ཡང་ན་ སོ་ནམ་དང་སྡོད་ནི་ལུ་རྒྱབ་བསྐྱོར་འབད་ཚུགས་པའི་ གཙང་ཆུ་དང་ བྱེ་ཐང་གི་མཐའམ་བདའ་སྟེ་ སྡོདཔ་ཨིན་པས།
མི་རིགས།
ཊརཀ་མེན་ནིསི་ཊཱན་འདི་ མི་རིགས་གཅིག་མཚུངས་སྦེ་ཡོད་མི་དང་ ཊརཀ་མེན་གྱིས་མི་རློབས་བརྒྱ་ཆ་༨༥ དེ་ཅིག་ཡོདཔ་ཨིན་པས། མི་འབོར་ཉུང་བའི་གྲངས་སུ་ ཨུཛ་བེཀསི་དང་ ཨུ་རུ་སུའི་མི་ཁུངས་ དེ་ལས་ ཀ་ཟཀ་ཚུ་དང་ ཨར་མི་ནི་ཡའི་མི་སྡེ་ ཆུང་ཀུ་ཚུ་དང་ ཊ་ཊར་ཚུ་ཚུདཔ་ཨིན་པས། རྒྱལ་ཁབ་ཀྱིས་ ཊརཀ་མེན་ངོ་རྟགས་གཅིག་སྒྲིལ་ལུ་ གཙོ་བོར་བཏོནམ་ཨིན་པས།
ཁ་སྐད།
གཞུང་འབྲེལ་གྱི་ཁ་སྐད་འདི་ ཊརཀ་མེན་ཨིན། ཁ་སྐད་འདི་ ལེ་ཊིན་གཞི་རྟེན་ཡིག་གཟུགས་ནང་ བྲིས་མི་ཊར་ཀི་ཁ་སྐད་ཅིག་ཨིན། ར་ཤི་ཡཱན་འདི་ དམིགས་བསལ་གྱིས་ ཚོང་ལཱ་དང་ མི་རབས་རྒན་ཤོས་ཚུ་གི་ནང་འཁོད་ལུ་ཡང་ རྒྱ་ཆེ་དྲགས་སྦེ་སླབ་ཨིན་པས། ཨུཛ་བེཀ་དང་ ཀཱ་ཟཀ་དག་པ་ཅིག་གིས་ ཁོང་རའི་མི་སྡེ་ནང་འཁོད་ ཁོང་རའི་ཁ་སྐད་སླབ་ཨིན་པས།
རྒྱལ་རབས་དང་ཆོས་ལུགས།
རྒྱལ་ཁབ་འདི་ནང་ལུ་ ཧེ་མའི་ལོ་རྒྱུས་འདི་ སིལཀ་རོའོཊ་(Silk Road)གི་ལམ་དང་འབྲེལ་བ་ཡོདཔ་དང་ ཧེ་མ་འདི་ པར་ཤི་ཡ་གི་མངའ་ཁོངས་ཨིནམ་དང་ དེ་གི་ཤུལ་ལས་ ཨ་རབ་དང་ མོང་གཱོལ་ དེ་ལས་ ཨུ་རུ་སུའི་རྒྱལ་ཁབ་ཚུ་གིས་སྐྱོང་ནུག། དུས་རབས་ ༢༠ པ་ནང་ སོ་ཝིཊ་མི་སེར་རྒྱལ་ཁབ་ལུ་གྱུར་ཏེ་ སྤྱི་ལོ་ ༡༩༩༡ ལུ་རང་དབང་རང་བཙན་ཐོབ་ནུག། ཆོས་ལུགས་ ཁྱབ་ཆེཝ་སྦེ་ཡོད་མི་འདི་ སུནི་ཁ་ཆེའི་ཆོས་ལུགས་དང་གཅིག་ཁར་ སྔར་སྲོལ་ལུགས་སྲོལ་དང་ མི་རིགས་ཀྱི་ལུགས་སྲོལ་ཚུ་ སྒྲིང་སྒྲི་ཡོདཔ་ཨིན་པས། ཆོས་ལུགས་ཀྱི་ ལག་ལེན་འདི་ རྒྱལ་ཁབ་ཀྱིས་ ཚད་འཛིན་འབདཝ་ཨིན།
ཁྲོམ་ཚོགས་གོང་འཕེལ།
ཨཤ་གཱ་བཱཊ་འདི་ ལམ་སྲོལ་དང་སྲིད་དོན་གྱི་ལྟེ་བ་ཅིག་ཨིནམ་དང་ འདི་ནང་ མཛེས་རྒྱན་ཅན་གྱི་དྲན་རྟེན་དང་ བཟོ་བཀོད་དམ་དམ་སྦེ་ ཡོད་པའི་མིང་གཏམ་ཡོདཔ་ཨིན་པས། ཁྲོམ་སྡེ་གཞན་ མེ་རི་(Mary)དང་ ཊརཀ་མེན་བཱ་ཤི་(Turkmenbashy)གིས་ ས་སྣུམ་བཟོ་སྦྱོར་དང་ ཐགས་རིགས་ དེ་ལས་ གྲུ་ཆགས་སའི་ལས་སྣ་ཚུ་གིས་ དཔལ་འབྱོར་ལུ་རྒྱབ་སྐྱོར་འབདཝ་ཨིན་མས། ཁྲོམ་གྱི་ས་ཁོངས་ཚུ་ འཆར་གཞི་བརྩམས་ནི་དང་ ལྟ་རྟོག་ཚུ་ཤུགས་སྦེ་ར་འབད་དོ་ཡོདཔ་ཨིན་པས།
གནམ་གཤིས།
ཊརཀ་མེན་ནིསི་ཊཱན་ལུ་ གླིང་ཆེན་ས་སྐམ་གྱི་ས་གཤིས་ཡོདཔ་དང་ འདི་ཡང་བྱཱར་ལུ་དྲོད་དང་ཆར་ཆུ་མེདཔ་དང་ དགུན་ལུ་བསིལ་དྲགས་སྦེ་ ཡོདཔ་ཨིན་པས། ཆར་ཆུ་འདི་དཀོན་དྲགས་ཡོདཔ་དང་ རྒྱལ་ཁབ་ཀྱི་ས་མང་ཤོས་ར་ ཀ་ར་ཀུམ་བྱེ་ཐང་གིས་ གང་ཡོདཔ་ཨིན་པས། ཨ་མུ་དར་ཡ་གཙང་ཆུ་དང་ བྱེ་ཐང་གི་ཆུ་ཚུ་གིས་ ལུང་ཕྱོགས་ལ་ལུ་ཅིག་ནང་ སོ་ནམ་ལུ་རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
གཞུང་སྐྱོང་།
ཊརཀ་མེན་ནིསི་ཊཱན་འདི་ གཞུང་ལྟེ་བ་གཅིག་ཏུ་ཡོད་མི་དང་ དབང་ཚད་ཅན་གྱི་ སྲིད་འཛིན་གྱི་མི་སེར་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་གྱིས་ དབང་ཚད་ རྒྱ་ཆེ་དྲགས་སྦེ་ཡོདཔ་མ་ཚད་ བཀོད་ཁྱབ་དང་ ཁྲིམས་བཟོ་ དེ་ལས་ ཁྲིམས་ཀྱི་ཡན་ལག་ཡིག་ཚང་ཚུ་ ཚད་འཛིན་འབདཝ་ཨིན་པས། སྲིད་དོན་གྱི་ལྡོག་ཕྱོགས་འདི་ ཉུང་སུ་ཅིག་དང་ ཁོང་གི་བཙག་འཐུ་འདི་ རྒྱལ་སྤྱིའི་གནས་ཚད་དང་འགྲན་ཟླ་མེདཔ་ཨིན་པས།
ས་ཆ།
རྒྱལ་ཁབ་ཀྱི་ས་ཆ་འདི་ བརྒྱ་ཆ་༧༠ དེ་ཅིག་ཁྱབ་ཡོད་པའི་ ཀ་ར་ཀུམ་བྱེ་མའི་ཐང་གི་ ཁྱབ་སྟེ་ཡོདཔ་ཨིན། ལྷོ་ཕྱོགས་ལུ་ཡོད་པའི་ཀེས་པིཡན་མཚོ་འགྲམ་དང་ གངས་རི་ཚུ་གི་ས་ཆ་ སྣ་ཚོགས་ཡོདཔ་ཨིན་པས། ཁྱད་རྣམ་ཡོངས་གྲགས་ཅན་ཚུ་ དར་བ་ཟ་གེསི་ཀེརེ་ཊར་(Darvaza gas crater) འདི་ “དམྱལ་བ་འགྱོ་སའི་སྒོ་” ཟེར་ཡང་སླབ་དོ་ཡོདཔ་ཨིན་པས།
དཔལ་འབྱོར།
དཔལ་འབྱོར་འདི་ དམིགས་བསལ་གྱི་ རྒྱ་ནག་ལུ་ རང་བཞིན་གྱི་རྫས་རླངས་ཕྱིར་ཚོང་ལུ་ ཤུགས་སྦེ་ར་བརྟེནམ་ཨིན་པས། སྤྱི་ལོ་ ༢༠༢༤ ཚུན་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཌོ་ལར་ཐེར་འབུམ་ ༤༥ དེ་ཅིག་ཨིན་མས། ཕྱིར་ཚོང་གཞན་གྱི་གྲངས་སུ་ ཀ་བལ་དང་ ཐགས་རིགས་ དེ་ལས་ ས་སྣུམ་གྱི་ཐོན་དངོས་ཚུ་ཚུདཔ་ཨིན་པས། ནང་འདྲེན་ཚུ་ མང་ཤོས་ར་འཕྲུལ་ཆས་དང་ བཞེས་སྒོ་ དེ་ལས་ བཟོ་སྐྲུན་འབད་ཡོད་པའི་ཅ་ཆས་ཚུ་ ཡོདཔ་ཨིན། གཞུང་གིས་ རྒྱལ་ཁབ་ཀྱིས་དཔལ་འབྱོར་གྱི་ ས་ཁོངས་མང་ཤོས་ཅིག་ ཚད་འཛིན་འབདཝ་ཨིན་པས།
ལམ་སྲོལ་དང་གྱོན་ཆས།
ཊརཀ་མེན་གྱི་ལམ་སྲོལ་འདི་ལུང་ཕྱོགས་མི་རིགས་ཀྱི་སྔར་སྲོལ་དང་ ཁ་ཆེའི་ལམ་ལུགས་ དེ་ལས་ སོ་ཝིཊ་གི་ལམ་སྲོལ་ལུ་ གཞི་བཞག་ཡོདཔ་ཨིན་པས། སྔར་སྲོལ་གྱི་གྱོན་ཆས་ཀྱི་གྲངས་སུ་ ཏེལ་པིག་༼སྤུ་ཡོད་པའི་ཞྭམོ་༽དང་ ཨམ་སྲུ་ཚུ་གི་དོན་ལུ་ འཚེམ་དྲུབ་ཀྱི་ གྱོན་ཆས་ཚུ་ ཚུདཔ་ཨིན། ལམ་སྲོལ་གྱི་དཔའ་ཉམས་འདི་ རྒྱལ་ཡོངས་ཀྱི་ངལ་གསོ་དང་ སྙན་ཆ་ དེ་ལས་ ཊརཀ་མེན་ངོ་རྟགས་ཀྱི་དུས་སྟོན་ཚུ་ནང་ མངོན་གསལ་སྟོནམ་ཨིན་པས།
ལྟ་བཤལ།
ལྟ་བཤལ་ནང་ འགྱོ་ནི་གི་ལམ་ལུགས་འདི་ དམ་དམ་སྦེ་ཚད་ཅིག་ལས་བརྒལ་མེད་རུང་ ས་གནས་སྤྲོ་བ་ཅན་ཚུ་ཡང་ སྔོན་དང་ཕུའི་མེ་རི་(Mery)དང་ ནི་ས་(Nisa) དེ་ལས་ ཨཤ་གཱ་བཊ་གི་དྲན་རྟེན་(Ashgabat’s monument) ཚུ་ཡོདཔ་ཨིན་པས། སྐྱེ་ལྡན་བལྟ་བཤལ་དང་ རྒྱལ་རབས་ཀྱི་བལྟ་བཤལ་པ་ཚུ་ལུ་ འོང་སའི་ས་གོ་ཡོད་རུང་ གཞི་རྟེན་མཁོ་ཆས་དང་ སྲིད་བྱུས་དྭངས་གསལ་ ཅིག་མེདཔ་པས་ གདོང་ལེན་ཅན་སྦེ་ར་ཡོདཔ་ཨིན་པས།
རྩེད་རིགས།
རྩེད་རིགས་ཚུ་ཡང་ འཐབ་འཛིང་(wrestling)དང་ རྟ་རྒྱུག་རྐྱབ་ནི་ དེ་ལས་ རྐང་རྩེད་ཚུ་ ཡོངས་གྲགས་ཅན་ཨིན་པས། ཊརཀ་མེན་ནིསི་ཊཱན་གྱིས་ རྩེད་རིགས་ཀྱི་ མཐུན་རྐྱེན་ཚུ་ནང་ མ་རྩ་བཙུགས་ཡོདཔ་དང་ ལུང་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་ནུག། རྒྱལ་ཡོངས་ཀྱི་རྟགས་ཨིན་མི་ ཨ་ཁཱལ་ཊི་ཀི་རྟ་(Akhal-Teke horse)འདི་ རྩེད་རིགས་དང་མཛད་སྒོ་ཚུ་ནང་ མངོན་གསལ་ཅན་སྦེ་ སྟོནམ་ཨིན་པས།
བཞེས་སྒོ།
ཊརཀ་མེན་བཞེས་སྒོ་ཚུ་ཡང་ ཆུམ། ལུག་ཤ། བཱམ་རོ་ཊི། ཨོ་ཆས། ཚོད་བསྲེ་ཚུ་ཨིན་པས། བཞེས་སྒོ་གམོ་བོ་ཚུ་ཡང་ པོལོབ་(plov)དང་ ཤཱཤ་ལིག་(shashlik)དང་ ཅོར་བ་(chorba)ཚུ་ ཨིན་པས། བཞེས་སྒོ་ཚུ་ འཕྲལ་འཕྲལ་ར་ སྤྱི་བསྡོམས་ཨིནམ་དང་ མགྲོན་སྐྱོང་དང་ སྔར་སྲོལ་ལམ་ལུགས་བཏོནམ་ཨིན།
ཕྱི་འབྲེལ་མཐུན་ལམ།
ཊརཀ་མེན་ཀེན་ཊཱན་གྱིས་ གཏན་འཇགས་ཀྱི་ བར་གནས་སྦེ་སྡོད་ནི་གི་སྲིད་བྱུས་ཡོད་མི་འདི་ འཛམ་གླིང་སྤྱི་ཚོགས་གིས་ སྤྱི་ལོ་ ༡༩༩༥ ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས། རྒྱལ་ཁབ་འདི་གིས་ ཨུ་རུ་སུའི་རྒྱལ་ཁབ། རྒྱ་ནག། ཨི་རཱན། ཨེ་ཤི་ཡ་ལྟེ་བའི་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་གཅིག་ཁར་ ནུས་ཤུགས་དང་ ལུང་ཕྱོགས་ཉེན་སྲུང་ལུ གཙོ་བོ་བཏོན་ཏེ་ ཐབས་བྱུས་ཅན་གྱི་མཐུན་ལམ་ཚུ་ རྒྱུན་སྐྱོང་འབདཝ་ཨིན་པས།
མཇུག་དོན།
ཊརཀ་མེན་ཀེན་ཊཱན་འདི་ སའི་ཆགས་ཚུལ་དགའ་ཏོག་ཏོ་ཡོད་པའི་ཁར་ ལམ་སྲོལ་གཏིང་ཟབ་དྲགས་དང་ དགོས་མཁོ་དང་བསྟུན་པའི་ དེང་སང་གི་གོང་འཕེལ་འགྱོ་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་པས། རྒྱལ་ཁབ་འདི་ ནུས་ཤུགས་གསོག་འཇོག་རྒྱ་ཆེཝ་སྦེ་ཡོད་མི་དང་ ལམ་སྲོལ་གྱི་ཁྱད་ཆོས་ མ་འདྲཝ་ཚུ་ཡོདཔ་ལས་ ཨེ་ཤི་ཡའི་དབུས་ཕྱོགས་ལུ་ རང་རྐྱང་སྦེ་གནས་ཡོད་པའི་རྒྱལ་ཁབ་ཅིག་སྦེ་ ཡོདཔ་ཨིན་པས།