ཊོང་ག། Tonga


ངོ་སྤྲོད།
ཊོང་ག་འདི་ ལྷོ་ཕྱོགས་པེ་སི་ཕིཀ་རྒྱ་མཚོ་ནང་ ཆགས་ཡོད་པའི་པོ་ལི་ནི་སི་ཡཱན་གྱི་ མཚོ་གླིང་གི་རྒྱལ་ཁབ་ཅིག་ཨིན། འདི་ལུ་མཚོ་གླིང་ ༡༦༩ ཡོདཔ་ད་ ༣༦ འདི་ནང་མི་སྡོད་མི་ཡོདཔ་ཨིན་པས། མཚོ་གླིང་འདི་ཚུ་དང་དེའི་ཉེ་འདབས་ཀྱི་རྒྱ་མཚོ་རྩིས་ཏེ་ རྒྱ་ཚད་འདི་ཀི་ལོ་མི་ཊར་གྲུ་བཞི་ ༧༠༠,༠༠༠ དེ་ཅིག་ཡོད་རུང་ ས་གི་རྒྱ་ཚད་ཡོངས་བསྡོམས་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༧༤༧ དེ་ཅིག་གི་རྩིས་འབདཝ་ལས་ ཊོང་ག་འདི་ ས་སྒོའི་རྒྱ་ཚད་ཀྱི་ཐད་ཁར་ རྒྱལ་ཁབ་ཆུང་ཀུ་ཅིག་སྦེ་ཡོདཔ་ཨིན་པས།
རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།
རྒྱལ་ས་ལྟེ་བ་འདི་ ཊོང་ག་ཏ་པུ་གི་མཚོ་གླིང་ངོ་མ་ནང་ཆགས་ཏེ་ཡོད་པའི་ ནུ་ཀུ་ཨ་ལོ་ཕ་འདི་ཨིན་པས། འདི་གིས་རྒྱལ་ཁབ་ཀྱི་སྲིད་དོན་དང་ དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཚུ་ཡོདཔ་ཨིན་པས། གལ་གནད་ཅན་གྱི་ གཞིས་ཆགས་གཞན་མི་གི་གྲངས་སུ་ རྒྱལ་ས་ལྟེ་བའི་སྦོ་ལོགས་ཁར་ཡོད་པའི་ ནི་ཨ་ཕུ་ཁྲོམ་ཚོགས་དང་ ཧ་བེ་ལུ་ལོ་ཊོ་ཁྲོམ་ཚོགས་ཡང་ཚུདཔ་ཨིན། ཨ་ནཱི་ཁྲོམ་ཚུ་ ཚོང་འབྲེལ་དང་ལྟ་བཤལ་གྱི་དོན་ལུ་ ས་གནས་ཀྱི་ལྟེ་བ་སྦེ་ལཱ་འབདཝ་ཨིན་པས།
མི་རློབས་དང་མི་རིགས།
སྤྱི་ལོ་ ༢༠༢༥ ཚུན་ཏོང་ག་ལུ་ མི་རློབས་འདི་ཧ་ལམ་ ༡༠༥,༠༠༠ དེ་ཅིག་ཡོདཔ་ཨིན་པས། ཁྲོམ་གྱི་འཕེལ་འགྱུར་འདི་ ཡར་སེང་འགྱོ་དོ་ཡོད་པའི་ཁར་ ཊོང་གཊ་པུ་ས་ཁོངས་ནང་ལུ་ཡང་ དམིགས་བསལ་གྱིས་ གྲོང་གསེབ་ཀྱི་ས་གོ་ཚུ་ནང་སྦེ་ ཁྱབ་ཆེཝ་སྦེ་ སྡོད་དོ་ཡོདཔ་ཨིན་མས། ཊོང་ག་ལུ་ ན་གཞོན་གྱི་མི་རློབས་ཡོདཔ་ད་ དེའི་ནང་ ཕྱིའི་རྒྱལ་ཁབ་ནང་སྡོད་མི་ མི་ཁུངས་མང་ཤོས་ཅིག་ར་ ནིའུ་ཛི་ལེནཌ་དང་ཨོསི་ཊེ་ལི་ཡ་ དེ་ལས་ ཡུ་ནའི་ཊེཌ་ཨིསི་ཊེཌས་ཚུ་ནང་ཡོདཔ་ཨིན་པས།
མི་རིགས།
ཊོང་ག་འདི་ མི་རིགས་གཅིག་པའི་རིགས་ཨིནམ་ད་ མི་རློབས་བརྒྱ་ཆ་ ༩༨ དེ་ཅིག་གིས་ པོ་ལི་ནེ་ཤིཡཱན་ཨིནམ་སྦེ་ ངོས་འཛིན་འབདཝ་མས། ཡུ་རོ་པེན་དང་ ཨེ་ཤི་ཡའི་རིགས་རྒྱུད་སླ་བསྲེ་མི་གི་མི་རློབས་ ཉུང་སུ་ཅིག་ཡོདཔ་ཨིན་པས། མི་སྡེ་ཚུ་ནང་ མཉམ་འབྲེལ་གྱི་འབྲེལ་བ་དམ་ཟབ་ཡོདཔ་དང་ བཟའ་ཚང་དང་རིགས་རྒྱུད་ཀྱི་དབྱེ་བ་དང་འབྲེལ་བ་ཚུ་ མི་ཚེ་སྐྱོང་ནི་ལུ་ གལ་ཅན་སྦེ་ཡོདཔ་ཨིན་པས།
ཁ་སྐད།
གཞུང་འབྲེལ་གྱི་ཁ་སྐད་འདི་ ཏོང་གཱན་དང་ ཨིང་ལིཤ་ཨིན་པས། ཊཱོན་གཱན་འདི་ མཚོ་གླིང་ག་ར་ནང་ ཁྱབ་ཆེཝ་སྦེ་སླབ་ཨིནམ་དང་ ཁ་སྐད་འདི་ཤེས་རིག་དང་བརྡ་བརྒྱུད་ནང་ལུ་ ལག་ལེན་འཐབ་ཨིན་པས། ཨིང་ལིཤ་འདི་ སློབ་གྲྭ་ཚུ་ནང་སྟོན་དོ་ཡོདཔ་ད་ གཞུང་དང་ཚོང་འབྲེལ་གྱི་ལས་འབྲེལ་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་དང་ དམིགས་བསལ་དུ་ ཕྱིའི་རྒྱལ་ཁབ་ཚུ་དང་གཅིག་ཁར་ བརྡ་སྤྲོད་ཀྱི་ནང་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
བྱུང་རབས།
ཊོང་ག་འདི་ པེ་སི་ཕིག་ནང་ལུ་ གཞན་དང་མ་འདྲཝ་ཅིག་ཨིན་ དེ་ཡང་ཕྱི་གླིང་པའི་རྒྱལ་ཁབ་ཀྱི་ དབང་འོག་ལུ་མ་བསྡུ་མི་ཅིག་ཨིན་མས། མཚོ་གླིང་ཚུ་ སྤྱི་ལོ་ ༡༨༤༥ ལུ་ རྒྱལ་པོ་ཇོརཇ་ཊུ་པོའོ་དང་པ་གི་མངའ་འོག་ལུ་ རྒྱལ་ཁམས་གཅིག་སྦེ་བཟོ་ཡོདཔ་ཨིན་པས། ཊོང་ག་འདི་ སྤྱི་ལོ་༡༩༠༠ ལུ་ བིརི་ཊིཤ་གི་སྲུང་སྐྱོབ་འབད་བའི་མངའ་སྡེ་ལུ་གྱུར་ཡོད་རུང་ རྒྱལ་གཞུང་དང་ ནང་འཁོད་གཞུང་སྐྱོང་གི་ བདག་དབང་འདི་ ཁོང་ར་གིས་བཟུང་ཡོདཔ་ཨིན་པས། སྤྱི་ལོ་ ༡༩༧༠ ལུ་ རང་དབང་ཡོངས་རྫོགས་ཐོབ་ཡོདཔ་དང་ པེ་སི་ཕིཀ་ནང་ རྒྱལ་བརྒྱུད་ཀྱི་རྒྱལ་ཁབ་ འདི་ཅིག་མ་གཏོགས་ གཞན་མེདཔ་ཨིན་པས།
ཆོས་ལུགས།
ཆོས་ལུགས་འདི་ ཊོང་གཱན་མི་སྡེ་ནང་ལུ་ གལ་ཆེ་ཤོས་ཅིག་ཨིན། ཧ་ལམ་མི་རློབས་བརྒྱ་ཆ་ ༩༧% དེ་ཅིག་ ཡེ་ཤུ་པ་ཨིནམ་དང་ ཊོང་ག་ལུ་ཡོད་པའི་ ཕི་རི་ཝེ་སི་ལེན་ ཡེ་ཤུའི་ལྷ་ཁང་འདི་ སྦོམ་ཤོས་ཅིག་ཨིན་མས། ཡེ་ཤུ་པའི་སྡེ་ཚན་གཞན་གྱི་གྲངས་སུ་ ཀེ་ཐོ་ལིག་དང་ མོར་མཱོན་ དེ་ལས་ པེན་ཊི་ཀོས་ཊལ་ཚུ་ཚུདཔ་ཨིན་པས། ཡེ་ཤུའི་ལྷ་ཁང་ནང་ འགྱོ་མི་གི་གྱངས་ཁ་འདི་མཐོ་སུ་ཅིག་ཨིནམ་དང་ རེས་གཟའ་ཟླཝ་འདི་ ངལ་གསོ་དང་གསོལཝ་བཏབ་ནིའི་ཉིནམ་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་ཨིན་པས།
གནམ་གཤིས།
ཊོང་ག་ལུ་ ཚ་དྲོད་ལྡན་པའི་ས་གཤིས་ཡོདཔ་དང་ ཚ་དྲོད་དང་ རློན་གཤེར་ཅན་གྱི་དུས་ཚོད་འདི་ སྤྱི་ཟླ་བཅུ་གཅིག་པ་ལས་བཞི་པ་ཚུན་དང་ སྤྱི་ཟླ་ལྔ་པ་ལས་བཅུ་པ་ཚུན་ བསིལ་དང་ས་སྐམ་གྱི་དུས་ཚོད་ཨིན་པས། མཚོ་གླིང་འདི་ཚུ་ འཕྲལ་འཕྲལ་ར་ རླུང་འཚུབ་ཀྱིས་གནོད་པ་རྐྱབ་ཨིན་པས། རྒྱལ་ཁབ་འདི་ནང་ མཚོ་མཐའ་་དང་ མེ་རི་མཚོ་གླིང་ཚུ་ཡོདཔ་ད་ མང་ཤོས་ར་ སྔོ་ཤིང་ཧོནམོ་དང་བྱུ་རུའི་མཚོ་བྱག་ཚུ་ཡོདཔ་ཨིན་པས།
གཞུང་སྐྱོང་།
ཊོང་ག་འདི་ རྩ་ཁྲིམས་ཅན་གྱི་ རྒྱལ་བརྒྱུད་རྒྱལ་ཁབ་ཅིག་ཨིན་པས། རྒྱལཔོ་འདི་རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིནམ་དང་ བཀོད་ཁྱབ་ཀྱི་དབང་ཚད་འདི་ བློན་ཆེན་དང་ལྷན་རྒྱས་གཞུང་ཚོགས་དང་གཅིག་ཁར་ རུབ་སྤྱོད་འབདཝ་ཨིན་པས། སྤྱི་ལོ་ ༢༠༡༠ ལས་ཚུར་ ལེགས་བཅོས་འབད་མི་འདི་གིས་ དམངས་གཙོའི་རིང་ལུགས་ཀྱི་ངོ་ཚབ་ ཡར་དྲག་བཏང་ཡོདཔ་དང་ ད་རེས་ སྤྱི་ཚོགས་མང་ཆེ་ཤོས་ཅིག་ མི་སེར་གྱིས་བཙག་འཐུ་འབད་ཡོདཔ་ཨིན་པས། ག་དེ་སྦེ་ཨིན་རུང་ རྒྱལ་གཞུང་དང་ དབང་ཚད་ཅན་གྱི་མི་ངོམ་ཚུ་གིས་ ད་ལྟོ་ཡང་ དབང་ཚད་གལ་ཅན་སྦེ་གཟུང་སྟེ་ཡོདཔ་ཨིན་པས།
དཔལ་འབྱོར།
ཊོང་གཱ་གི་དཔལ་འབྱོར་འདི་ཆུང་ཀུ་དང་ གོ་ཡངས་དྲགས་ཡོདཔ་ད་ ༢༠༢༤ ཚུན་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཌོ་ལར་ས་ཡ་ ༥༠༠ དེ་ཅིག་ཨིན་མས། ལས་སྡེ་གཙོ་བོ་འདི་ སོ་ནམ། ཉ་བཟུང་ནི། དངུལ་སྤྲོད། ལྟ་བཤལ་ཚུ་ཨིན་པས། རྒྱལ་ཁབ་ཀྱི་ཕྱིར་ཚོང་གཙོ་བོ་ར་ ཀ་ཀུར། ཉ། ཝེ་ནི་ལ། ས་འོག་ལོ་ཐོག་ཚུ་ཨིནམ་དང་ ནང་འདྲེན་གྱི་གྲངས་སུ་ སྣུམ་འཁོར་མར་ཁུ་དང་འཕྲུལ་ཆས་ དེ་ལས་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ཚུདཔ་ཨིན། ཕྱི་རྒྱལ་ལུ་ཡོད་པའི་ ཊོ་གཱན་ལས་དངུལ་སྤྲོད་ནི་ཚུ་འོང་འབབ་ཀྱི་འབྱུང་ཁུངས་གཙོ་བོ་ཅིག་ཨིན།
ལམ་སྲོལ།
ཊོང་གཱན་ལམ་སྲོལ་ནང་ གཅིག་གིས་གཅིག་ལུ་གུས་ཞབས་དང་ མི་སྡེ་ དེ་ལས་ སྔར་སྲོལ་ལམ་ལུགས་ལུ་གཙོ་བོར་བཏོནམ་ཨིན། རྒྱལ་ཡོངས་ཀྱི་གྱོན་ཆས་ནང་ ཏ་ཨོ་བ་ལ་གྱོན་ཆས་འདི་ སྐེདཔ་མཐའ་བསྐོར་ཏེ་གྱོན་མི་ ཐགས་འཐག་ཡོད་པའི་ཐགས་རས་འདི་ གཞུང་འབྲེལ་གྱི་མཛད་སྟོན་ཚུ་ནང་གྱོན་དོ་ཡོདཔ་ཨིན་པས། སྔར་སྲོལ་གྱི་ཞབས་ཁྲ་ ལ་ཀ་ལ་ཀ་དང་ མའུ་ལུ་ཨུ་ལུ་ཚུ་ དུས་སྟོན་དང་ཁག་ཆེ་བའི་མཛད་སྒོ་ཚུ་ནང་ རྐྱབ་དོ་ཡོདཔ་ཨིན་པས།
ལྟ་བཤལ།
ལྟ་བཤལ་འདི་ཡར་འཕར་འགྱོ་བའི་བཟོ་གྲྭ་ཅིག་ཨིན་པས། ལྟ་བཤལ་ནང་ ཉ་ཧོབ་བལྟ་ནི་དང་ ཆུ་ནང་ན་འཛུལ་ཏེ་བཤལ་ནི་ དེ་ལས་ བྱུ་རུའི་མཚོ་བྲག་བལྟ་ནི་ཚུ་སྤྲོ་བ་ཆེ་ཏོག་ཏོ་ཡོདཔ་ཨིན་པས། རྒྱལ་རབས་དང་འབྲེལ་བའི་ས་གོ་ རྒྱལ་པོའི་སྤུར་ཁང་དང་ དང་ཕུའི་རྡོ་གི་བཟོ་བཀོད་ཚུ་དང་ དེ་དང་གཅིག་ཁར་ མཚོ་གླིང་ཝཱ་ཝའུ་དང་ཧཱ་པ་འི་གི་ རང་བཞིན་མཛེས་ཆ་ཚུ་ཡང་ ཡོངས་གྲགས་ཅན་སྦེ་ཡོདཔ་ཨིན་པས།
རྩེད་རིགས།
རཱག་བི་ཡུ་ནིའོན་འདི་ ཊོང་ག་ལུ་ཡོངས་གྲགས་ཡོད་པའི་རྩེད་རིགས་ཅིག་ཨིནམ་དང་ ཁོང་གི་རྒྱལ་ཡོངས་རྩེད་རིགས་སྡེ་ཚན་འདི་ རྒྱལ་སྤྱི་ནང་ཡོངས་གྲགས་ཡོདཔ་ཨིན་པས། ཊོང་གཱན་མང་ཤོས་ཀྱིས་ར་ རཱག་བི་དང་དྲྭ་རིལ་རྩེད་འགྲན་ཚུ་ཡང་རྩེཝ་ཨིན། རྩེད་རིགས་ཚུ་ མི་སྡེ་དང་སློབ་གྲྭའི་མི་ཚེ་ནང་ ཁག་ཆེ་ཏོག་ཏོ་སྦེ་བརྩི་དོ་ཡོདཔ་ཨིན་པས།
བཞེས་སྒོ།
ཊོང་གན་གྱི་བཞེས་སྒོ་གི་གྲངས་སུ་ ས་འོག་ལོ་ཐོག་ཊ་རོ་དང་ཡཱམ། མཚོ་ལས་ཐོན་པའི་ཟས། ཕགཔ་མེ་གཏང་གཏངམ། ས་དྲོད་སའི་ཤིང་འབྲས་ཚུ་ཚུདཔ་ཨིན། སྔར་སྲོལ་གྱི་བཞེས་སྒོ་ཚུ་ འཕྲལ་འཕྲལ་ར་ སའི་འོག་ལུ་ཡོད་པའི་མེ་གི་ཐབ་ཡུ་མུ་ ཟེར་སླབ་མི་ནང་བཟོཝ་ཨིན། བཞེས་སྒོ་འདི་ཊོང་གན་གྱི་མགྲོན་སྐྱོང་དང་ བཟའ་ཚང་འཛོམས་ད་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
ཕྱི་འབྲེལ་མཐུན་ལམ།
ཊོང་ག་གིས་འཛམ་གླིང་རྒྱལ་ཁབ་ཚུ་དང་གཅིག་ཁར་ མཐུན་ལམ་ལེགས་ཤོམ་སྦེ་ བཞག་དོ་ཡོདཔ་ཨིན་པས། ཊོང་ག་འདི་ འཛམ་གླིང་སྤྱི་ཚོགས་དང་ པེ་སི་ཕིཀ་མཚོ་གླིང་ཚོགས་པ་ དེ་ལས་ འཛམ་གླིང་སྤྱི་མཐུན་ཚོགས་པའི་འཐུས་མི་ཨིན་པས། ཊོང་ག་གིས་ ཨཱས་ཊེ་ལི་ཡ། ནིའུ་ཛི་ལེནཌ། རྒྱ་ནག། ཡུ་ཨེས་ཚུ་དང་གཅིག་ཁར་ དམིགས་བསལ་གྱིས་ གོང་འཕེལ་དང་ རྐྱེན་ངན་ཚབས་ཆེན་གདོང་ལེན་གྱི་དོན་ལུ་ མཉམ་འབྲེལ་འབདཝ་ཨིན་པས།
མཇུག་དོན།
ཏོང་ག་འདི་ མཚོ་གླིང་ཆུང་ཀུ་གི་རྒྱལ་ཁབ་ཅིག་ཨིནམ་དང་ འདི་ནང་ ལམ་སྲོལ་གྱི་ངོ་རྟགས་སྒྲིང་སྒྲི་དང་ རྒྱལ་བརྒྱུད་ཅན་གྱི་རྒྱལ་ཁབ་དང་ དེ་ལས་ པེ་སི་ཕིཀ་ལུ་ ཐབས་བྱུས་ཅན་གྱི་ས་ཁོངས་ནང་ གནས་ཏེ་ཡོདཔ་ཨིན་པས། གནམ་གཤིས་འགྱུར་བགྲོད་དང་ དཔལ་འབྱོར་ནང་རོགས་ལུ་བརྟེན་ཏེ་སྡོད་དགོ་པའི་གནས་སྟངས་ཚུ་གིས་ གདོང་ལེན་ཚུ་འབྱུང་དོ་ཡོདཔ་ཨིན་རུང་ ཊོང་གཱ་གིས་ རྒྱལ་སྤྱིའི་འགྱུར་བ་ཚུ་དང་འབྲེལ་མཐུན་བཟོ་བའི་སྐབས་ རང་ལུགས་ཀྱི་ལམ་སྲོལ་ཚུ་ མི་ཉམས་རྒྱུན་སྐྱོང་འཐབ་སྟེ་ར་ཡོདཔ་ཨིན་པས།