ཛམ་བི་ཡ། Zambia
ས་ཁོངས་དང་སྦོམ་ཚད།

ཟམ་བི་ཡ་འདི་ ཨཕ་རི་ཀ་གི་ལྷོ་ཕྱོགས་ཁ་ཐུག་ལུ་ཆགས་ཡོད་པའི་ ་རྒྱལ་ཁབ་ཅིག་ཨིནམ་དང་ ཧ་ལམ་གྲུ་བཞི་ཀི་ལོ་མི་ཊར་ ༧༥༢༦༡༨ ཁྱབ་ ཡོདཔ་ཨིན། རྒྱལ་ཁབ་འདི་ ཊཱན་ཟ་ནི་ཡ་དང་ ཌི་མོ་ཀེརེཀ་རི་ཊིག་རི་པབ་ལིཀ་གི་ ཀོང་གོ་ (Democratic Republic of Congo) ཨེང་གོ་ལ་ ན་མི་བཱ་དང་ བོཊས་ན་ཝི་་ (Botswana) དང་ ཛིམ་བཱ་བེ་དང་ མོ་ཟམ་བིག་ (Mozambique) དེ་ལས་ མལ་ཝའི་ཚུ་ བརྩིས་ཏེ་ རྒྱལ་ཁབ་བརྒྱད་དང་གཅིག་ཁར་ ས་མཚམས་བསྡོམས་ཏེ་ཡོདཔ་ཨིན་མས།
ལུ་ས་ཀ། ཛམ་བི་ཡ་གི་ རྒྱལ་ས་ལྟེ་བ།

ལུ་ས་ཀ་འདི་ ཛམ་བི་ཡ་གི་རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ་སྦོམ་ཤོས་ཨིན་མས། རྒྱལ་ཁབ་ཀྱི་དབུས་ ལྷོ་ཕྱོགས་ཁ་ཐུག་ལུ་ཆགས་ཏེ་ཡོད་མི་འདི་ བདག་སྐྱོང་ དང་ཚོང་འབྲེལ་ དེ་ལས་ བརྡ་དོན་སྤྲོད་ལེན་གྱི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། ཧ་ལམ་ཀི་ལོ་མི་ཊར་༤༡༨ དེ་ཅིག་ཁྱབ་སྟེ་ ཡོདཔ་ལས་ ཁྲོམ་ ཚོགས་ལྟེ་བ་གཙོ་བོ་ཅིག་ལུ་འགྱུར་ཡོདཔ་ཨིན་མས། ངོ་མ་ལུ་ གཡུས་ཚན་ཅིག་ཨིན་མི་ ལུ་ས་ཀ་འདི་ སྤྱི་ལོ་༡༩༠༥ ལུ་གཞི་བཙུགས་འབད་ཡོདཔ་དང་ ས་གནས་ལྟེ་བ་དང་ རེ་ལི་ལམ་ཡོད་མི་ལུ་བརྟེན་ རྒྱལ་ས་ལྟེ་བ་ལུ་འགྱུར་ནུག། སྤྱི་ལོ་༢༠༢༢ ལུ་ ལུ་ས་ཀ་གི་ མི་རློབས་ས་ཡ་༣.༣ ལས་བརྒལ་ཏེ་ ཛམ་བི་ཡ་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་ལུ་འགྱུར་ཡོདཔ་ཨིན་མས། ཡེ་ཤུ་པའི་ཆོས་ལུགས་འདི་གིས་ དམིགས་བསལ་གྱིས་ (Roman Catholicism) དང་ (Protestant) ཆོས་ལུགས་ཚུ་ནང་ལུ་ ཆོས་ལུགས་ཀྱི་ལག་ལེན་ཚུ་ དབང་ཤུགས་ ཆེཝ་སྦེ་ ཡོདཔ་ཨིན་མས།
ཨིང་ལིཤ་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིནམ་ད་ ཉན་ཇ་དང་ བེམ་བ་འདི་ ཁྱབ་ཆེཝ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས། ཁྲོམ་ཚོགས་ཀྱི་ Zambian ཚུ་གིས་ ནུབ་ཕྱོགས་ཀྱི་གྱོན་ཆས་གྱོནམ་ཨིན་རུང་ ལམ་སྲོལ་གྱི་ལས་རིམ་ཚུ་ནང་ རང་ལུགས་ཀྱི་གྱོན་ཆས་ཚུ་ཐོནམ་ཨིན་མས།
ཁྲོམ་སྡེ་འདི་ནང་ སྤྱི་ལོ་༡༩༦༦ ལུ་གཞི་བཙུགས་འབད་མི་ ཛམ་བི་ཡ་གཙུག་ལག་སློབ་སྡེ་རྩིས་ཏེ་ ཤེས་རིག་གཙུག་སྡེ་ལེ་ཤ་ཅིག་ཡོདཔ་ཨིན་མས། བདག་སྐྱོང་ཐད་ལུ་ ལུ་ས་ཀ་འདི་ རྫོང་ཁག་བདུན་ལུ་དབྱེ་སྟེ་ ཛམ་བི་ཡ་གི་ དམངས་གཙོའི་སྲིད་དོན་ལམ་ལུགས་འོག་ལུ་ ལུ་ས་ཀ་ ཁྲོམ་སྡེ་ ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་ཨིན་མས། བཟོ་གྲྭ་གཙོ་བོ་ཚུ་ཡང་ བཟོ་བསྐྲུན་དང་ ཚོང་འབྲེལ་ དེ་ལས་ བཟོ་བསྐྲུན་ཚུ་ཨིནམ་ད་ འདི་ནང་ ལཱ་འབད་མི་མང་ཤོས་ཅིག་རང་ ལཱ་གཡོག་བྱིན་དོ་ཡོདཔ་ཨིན་མས།
མི་རློབས།
སྤྱི་ལོ་ ༢༠༢༥ ཚུན་ ཛམ་བི་ཡ་གི་ཕོ་ཚོད་དཔག་མི་གི་མི་རློབས་འདི་ ས་ཡ་ ༢༡ དེ་ཅིག་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ ན་གཞོན་གཞོནམ་གྱི་ མི་ རློབས་ཅིག་ཨིནམ་དང་ སྐྱེས་ལོ་བར་མ་འདི་ ཧ་ལམ་ལོ་༡༧ འབད་མི་ཨིན་མས། མི་རློབས་ཡར་འཕར་འདི་མཐོ་དྲགས་སྦེ་ར་ཡོདཔ་དང་ གྲོང་གསེབ་ ལས་ཁྲོམ་ཁར་གནས་སྤོ་འགྱོ་ནི་འདི་ཡར་སེང་འགྱོ་དེ་ཡོདཔ་ཨིན་མས།
མི་རིགས།
ཛམ་བི་ཡ་འདི་ མི་རིགས་སྡེ་ཚན་ ༧༠ ལྷག་ཙམ་ཅིག་ཡོདཔ་ད་ མང་ཤོས་ཅིག་ ཨཕ་རི་ཀཱན་གནགཔོ་ཚུ་གིས་ གནས་ཏེ་ཡོདཔ་ཨིན་མས། ཡུ་རོབ་པེན་དང་ ཨེ་ཤི་ཡཱན་གྱི་ མི་རིགས་ ཨ་ཙི་ཉུང་སུ་ཡོདཔ་ད་ གཙོ་བོ་ཁྲོམ་གྱི་ལྟེ་བ་ཚུ་ནང་ཡོད་པའི་ མི་རྒྱུད་སླ་བསྲེ་སྟེ་ཡོད་མི་ཚུ་ ཚུདཔ་ཨིན་མས།
སྐད་ཡིག།
གཞུང་འབྲེལ་གྱི་ཁ་སྐད་འདི་ ཨིང་སྐད་ཨིནམ་ད་ འདི་ཤེས་རིག་བདག་སྐྱོང་དང་བརྡ་བརྒྱུད་ནང་ལས་ཕར་ ལག་ལེན་འཐབ་ཨིན་མས། རྒྱལ་ཁབ་ ཀྱི་ཁ་སྐད་ བེམ་བ་ ན་ཡ་ཇ་ ཏོང་ག་དང་ ལོ་ཟི་ཚུ་ རྒྱ་ཆེ་དྲགས་སྦེ་སླབ་དོ་ཡོདཔ་མ་ཚད་ ཉིན་བསྟར་གྱི་བརྡ་སྤྲོད་ནང་ཡང་ལག་ལེན་འཐབ་དོ་ ཡོདཔ་ཨིན་མས།
རྒྱལ་རབས་དང་ཆོས་ལུགས།
ཛམ་བི་ཡ་གིས་ སྤྱི་ལོ་ ༡༩༦༤ སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༢༤ ལུ་ བིརི་ཊིཤ་རྒྱལ་ཁབ་ཀྱི་དབང་འོག་ལས་ རང་དབང་རང་བཙན་ཐོབ་ནུག། ཀེ་ནེཊ་ཀཱཝ་ཊ་ (Kenneth Kaunda) འདི་ སྲིད་འཛིན་ དང་པ་ཐོབ་ནུག། རྒྱལ་ཁབ་འདི་དུས་དེ་ལས་ཚུར་ འབྲེལ་བའི་སྲིད་དོན་གྱི་རྒྱུན་བརྟན་ ལོངས་སྤྱོད་ནི་ འགོ་སྐབས་འཐོབ་ནུག། ཡེ་ཤུའི་ཆོས་ལུགས་འདི་ ཡོངས་གྲགས་ཡོད་པའི་ཆོས་ལུགས་ཅིག་ཨིནམ་ད་ འདི་ནང་ མི་རློབས་བརྒྱ་ཆ་༨༥ ལྷགཔ་ཅིག་གིས་ལག་ལེན་འཐབ་དོ་ཡོད་པའི་ཁར་ ཁ་ཆེའི་ཆོས་ལུགས་དང་ཧིན་དུ་ཆོས་ལུགས་ དེ་ལས་གཡུས་ཁའི་ཡིད་ཆེས་ཚུ་ཡང་ ལག་ལེན་འཐབ་ དོ་ཡོདཔ་ཨིན་མས།
ཁྲོམ་ཚོགས།
ལུ་ས་ཀ་ལས་བརྒལ་ཏེ་ ཁྲོམ་སྡེ་གཙོ་བོ་གཞན་ ནོལ་ལ་ (Ndola) ཝེ་ཀིཊ་ (Kitwe) དང་ ལི་ཝིན་ཨིས་ཊོན་ (Livingstone) ཚུ་ཨིན། ཀོ་པར་བེལཊ་ (Copperbelt) ལུང་ཕྱོགས་དང་ ཀིཊ་ཝི་དང་ ནོནཌ་ལ་བཟུམ་མའི་ཁྲོམ་སྡེ་ཚུ་ ས་གཏེར་བཏོན་ནི་གི་དོན་ལུ་གལ་ཅན་ཅིག་ཨིན་ རུང་ ལི་ཝིན་ཨིས་ཊོན་འདི་ བིཀ་ཊོ་རི་ཡ་ཕཱལསི་ (Victoria Falls) གི་སྦོ་ལོགས་ཁར་ ལྟ་བཤལ་གྱི་དོན་ལུ་ཡོངས་གྲགས་ཅན་ཅིག་ཨིན་མས།
ས་གཤིས་གནས་སྟངས།
ཛམ་བི་ཡ་ལུ་ ཆརཔ་རྐྱབ་པའི་དུས་རིམ་འདི་ ཟླཝ་བཅུ་གཅིག་པ་ལས་བཞི་པ་ཚུན། སྐམ་ཀྲོག་ཀྲོ་གི་དུས་རིམ་འདི་ ཟླཝ་ལྔ་པ་ལས་བརྒྱད་པ་ཚུན། དེ་ལན་ དྲོད་ཚ་ཤོས་ཀྱི་དུས་རིམ་འདི་ ཟླཝ་དགུ་པ་ལས་བཅུ་པ་ཚུན། ཆར་རྐྱབ་ནི་དང་བསིལ་དྲོད་འདི་ ལུང་ཕྱོགས་དང་མཐོ་ཚད་དང་འཁྲིལ་ ཁྱད་པར་ཞུགས་དོ་ཡོདཔ་ཨིན་མས།
སྲིད་དོན་རིམ་ལུགས་དང་ གཞུང་སྐྱོང་།
ཛམ་བི་ཡ་འདི་ སྲིད་དོན་མང་ཚོགས་པའི་ལམ་ལུགས་ཡོད་པའི་ དམངས་གཙོའི་གཞུང་གི་མི་སེར་རྒྱལ་ཁབ་ཅིག་ཨིན་མས། སྲིད་འཛིན་འདི་ རྒྱལ་ཁབ་ དང་གཞུང་གཉིས་ཆ་ར་གི་འགོ་འཛིན་ཨིན་མས། རྒྱལ་ཡོངས་ཚོགས་འདུ་འདི་ ཁྲིམས་བཟོ་ཚོགས་པ་ཨིནམ་ལས་ བཙག་འཐུ་ཚུ་ ལོ་ལྔ་གི་བར་ན་ཚར་ རེ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།
སའི་ཆགས་ཚུལ།
རྒྱལ་ཁབ་འདི་ ས་ཐང་མཐོ་ཤོས་ཅིག་གུར་ཆགས་ཏེ་ཡོདཔ་དང་ ཛམ་བེ་ཟི་དང་ལུའུ་གཱ་བ་བཟུམ་མའི་གཙང་ཆུ་ཚུ་གི་བསྣོལ་ཏེ་ཡོདཔ་ཨིན་མས། འདི་གིས་ སའི་ཐང་དང་ སྤོ་ཏོ་ དེ་ལས་ཆུ་ཞིང་ཚུ་བརྩིས་ཏེ་ སའི་ཆགས་ཚུལ་མ་འདྲཝ་རྣམ་པ་སྟོནམ་ཨིན་མས། ཛམ་བི་ཡ་འདི་ སྐྱེ་ལྡན་རིགས་སྣ་ཕྱུགཔོ་ ཨིནམ་དང་ རྒྱལ་ཡོངས་གླིང་ཀ་ལེ་ཤ་གི་ས་གོ་ཨིན་མས།
དཔལ་འབྱོར།
ཛམ་བི་ཡ་གི་དཔལ་འབྱོར་འདི་ མང་ཤོས་ར་ ས་གཏེར་དང་ དམིགས་བསལ་གྱི་ ཟངས་ལས་བརྟེན་ཨིནམ་ལས་ དེ་གིས་ ཕྱིར་ཚོང་གི་འོང་འབབ་ བརྒྱ་ཆ་ ༧༠ ལྷགཔ་ཅིག་བཟོཝ་ཨིན་མས། ཕྱིར་ཚོང་གཞན་མི་ཡང་ ལྕགས་རྫས་ ཏམ་ཁུ་དང་ཀ་བལ་ཚུ་ཚུདཔ་ཨིན་མས། ནང་འདྲེན་ནང་ལུ་ གཙོ་བོ་ ར་ འཕྲུལ་ཆས་ སྣུམ་དང་ བཟའ་ཆས་ཚུ་ཡོདཔ་ཨིན་མས། སྤྱི་ལོ་ ༢༠༢༤ ལུ་ཛམ་བི་ཡ་གི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཌོ་ལར་ཐེར་འབུམ ༣༠ དེ་ཅིག་གིས་སྔོན་རྩིས་བཏོན་ཡོདཔ་ད་ འདི་དང་གཅིག་ཁར་ སོ་ནམ་དང་ཞབས་ཏོག་ཚུ་གིས་ཡང་ དཔལ་འབྱོར་ལུ་ གལ་གནད་ཅན་གྱི་ གྲོགས་ རམ་འབདཝ་ཨིན་མས།
ལམ་སྲོལ།
ཛམ་བི་ཡ་གི་ལམ་སྲོལ་འདི་ སྣ་ཚོགས་ཨིནམ་དང་དེའི་མི་རིགས་སྡེ་ཚན་ལེ་ཤ་བསམ་ཞིབ་འབདཝ་ཨིན་མས། སྔར་སྲོལ་གྱི་ཞབས་ཁྲ་དང་ སྙན་ཆ་ཚུ་དང་ རྟེན་འབྲེལ་གྱི་ལས་རིམ་ ཀུ་འུ་བ་ལ་ (Kuomboka) དང་ ཨེན་སི་ཝ་ལ་ (Nc'wala) ཚུ་ རྒྱ་ཆེ་དྲགས་སྦེ་ བརྩི་སྲུང་འབད་དེ་ཡོདཔ་ཨིན་མས། ལག་བཟོ་ སྲུང་གཏང་ནི་དང་གཏམ་རྒྱུད་ཚུ་ ལམ་སྲོལ་གྱི་ མི་ཚེ་གི་ཆ་ཤས་ གཙོ་བོ་ ཅིག་སྦེ་ར་ཡོདཔ་ཨིན།
ལྟ་བཤལ།
ཛམ་བི་ཡ་འདི་ རང་བཞིན་གྱི་མཛེས་ཆ་དང་རི་དྭགས་སེམས་ཅན་ལུ་ཡོངས་གྲགས་ཡོདཔ་ཨིན། འཛམ་གླིང་ནང་ ཝིག་ཊོ་རི་ཡ་ཆུ་རུད་འདི་ ཡིད་འཕྲོག་ཚུགས་མི་གཙོ་བོ་ཅིག་ཨིན་མས། ལྷོ་ཕྱོགས་ལུ་ ཝང་ག་བ་ (Luangwa) དང་ ཀཱ་ཕུ་ (Kafue) བཟུམ་མའི་རྒྱལ་ཡོངས་ གླིང་ག་ཚུ་གིས་ འཛམ་གླིང་གི་གནས་རིམ་ཅན་གྱི་ས་ཕ་རི་དང་བྱ་བལྟ་ནི་ཚུ་བྱིནམ་ཨིན་མས།
གྱོན་ཆས།
སྔར་སྲོལ་གྱི་གྱོན་ཆས་འདི་ ཨམ་སྲུ་ཚུ་གིས་གྱོན་མི་ ཅིཏ་ཏེནསི་ (chitenges) ཚུ་ཨིན་མས། དེང་སང་ ནུབ་ཕྱོགས་ལུགས་སྲོལ་གྱི་གྱོན་ཆས་ འདི་ དམིགས་བསལ་གྱིས་ ཁྲོམ་གྱི་ས་ཁོངས་ ཚུ་ནང་ཁྱབ་ཆེཝ་སྦེ་འདུག། སྔར་སྲོལ་གྱི་གྱོན་ཆས་འདི་འཕྲལ་འཕྲལ་ར་ རྟེན་འབྲེལ་དང་དུས་སྟོན་ ཚུ་ནང་གྱོནམ་ཨིན་མས།
རྩེད་རིགས།
རྐང་རྩེད་འདི་ ཡོངས་གྲགས་ཅན་གྱི་རྩེདམོ་ཨིན་མས། ཛམ་བི་ཡ་གི་རྒྱལ་ཡོངས་སྡེ་ཚན་ཅི་པོ་པོ་ལོ་ལོ་ (Chipolopolo) གིས་ ༢༠༡༢ ལུ་ཨཕ་རི་ཀ་ རྒྱལ་ཡོངས་རྒྱལ་རྟགས་འདི་རྒྱལ་ཁ་ཐོབ་ནུག། ཡོངས་གྲགས་ཡོད་པའི་རྩེད་རིགས་གཞན་ལུས་རྩལ་ མཛོག་ཁྱད་དང་རག་བི་ཚུ་ཨིན་མས།
བཞེས་སྒོ།
ཛམ་བི་ཡ་གི་བཞེས་སྒོ་འདི་ ཨིས་ཤི་མ་ (nshima) ལུ་གཙོ་བོར་བཏོན་དོ་ཡོདཔ་ཨིན་མས། གེ་ཟའི་ཐུགཔ་ ཚོད་བསྲེ་ ཉ་དང་ཤ་ཚུ་ཡང་ བཞེས་སྒོ་གཙོ་བོ་ཅིག་ཨིན་མས། ས་གནས་ཀྱི་བཞེས་སྒོ་ ཞིམ་ཤོས་ཚུ་ཡང་ ཉ་སྐམ་ སྲནམ་ཅུམ་དང་ ཕྱེམ་ལ་འབུཔ་ཚུ་ཨིན་མས།
ཕྱི་འབྲེལ།
ཛམ་བི་ཡ་གིས་ ཁྱིམ་ཚང་རྒྱལ་ཁབ་ཚུ་དང་གཅིག་ཁར་ ཞི་བདེ་ཅན་གྱི་མཐུན་ལམ་ཚུ་ རྒྱུན་སྐྱོང་འབདཝ་མ་ཚད་ རྒྱལ་སྤྱི་ཚོགས་ ཨཕ་རི་ཀཱན་གཅིག་ བསྡོམས་ཚོགས་པ་དང་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་ཡང་ཨིན་མས། འདི་གིས་ལུང་ ཕྱོགས་མཉམ་འབྲེལ་དང་ཞི་བདེ་བཞག་ནིའི་ དོན་ལུ་རྒྱབ་ སྐྱོར་འབདཝ་ཨིན་མས།
མཇུག་དོན།
ཤེས་རིག་དང་གསོ་བའི་ལས་སྡེ་ཚུ་ ཡར་རྒྱས་འགྱོ་བའི་བསྒང་ར་ཡོདཔ་དང་ སྤུས་ཚད་ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ ཨིན་མས། ཛམ་བི་ཡ་འདི་ བྱུང་རབས་ཀྱི་ཞི་བདེ་དང་ ལམ་སྲོལ་གྱི་ཕྱུགཔོ་ དེ་ལས་ རང་བཞིན་ཐོན་སྐྱེད་རྒྱ་ཆེ་དྲགས་ཡོད་མི་ལུ་བརྟེན་ ཡོངས་ གྲགས་ཐོན་ཏེ་ཡོདཔ་ལས་ མ་འོངས་གོང་འཕེལ་དང་ཡར་རྒྱས་གྱི་དོན་ལུ་ གོ་སྐབས་སྦོམ་ཡོདཔ་ཨིན་མས།
རྒྱབ་རྟེན་ཐོ།
https://en.wikipedia.org/wiki/Zambia
https://en.wikipedia.org/wiki/Lusaka